ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ད་ལོའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་ནི་“མི་ཡུལ་གྱི་དག་ཞིང་། ཉིང་ཁྲིའི་མཛེས་པས་བཟི་”ཞེས་པ་བརྗོད་བྱ་གཙོ་བོ་བྱས་ཏེ། ཉིང་ཁྲིའི་ཁམ་བུའི་མེ་ཏོག་དང་རྨི་ལམ་ལྟ་བུའི་གློག་གི་ལྒང་ཞུར་བལྟ་བ་དང་། ཁམ་བུའི་མེ་ཏོག་གི་དམངས་སྲོལ་གླུ་དབྱངས་ལ་ཉན་པ། ཁམ་བུའི་བློ་གྲོས་ལ་ཉམས་རོལ། ཁམ་བུའི་མེ་ཏོག་དུས་ཆེན་གྱི་གོ་སྐབས་དམ་འཛིན་བྱས་ཏེ་ཉིང་ཁྲིའི་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་མགྱོགས་ཤིང་ཇེ་ལེགས་ཡོང་བར་སྐུལ་ཁྲིད་བྱེད།
༄༅།།བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་སྐྱོར་བྱེད་པའི” གནད་སྨིན་དབུལ་སྐྱོར་ལས་དོན་གཏིང་ཟབ་སྤེལ་བ། གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 04ཚེས་04ཉིན། 11:18】 (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།) མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། བོད་ཀྱི་ལྷོ་ཁ་གྲོང་ཁྱེར་གྱིས“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་སྐྱོར་བྱེད་པའི”གནད་སྨིན་དབུལ་སྐྱོར་གྱི་ལས་དོན་གཏིང་ཟབ་སྤེལ་ནས། ཁོངས་མིའི་ཁེ་ལས་དེའི་ནང་ཞུགས་རྒྱུར་སྐུལ་འདེད་བཏང་བ་དང་སྤྱི་དབང་མིན་པའི་ཁེ་ལས་ཀྱིས་དཔེ་མཚོན་ལ་རོགས་སྐྱོར་བྱེད་པའི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་འཐབ་ས་དང་པོར་བསྐྱོད་དེ་ལས་མི་སྤྱོད་པའི་དགོས་མཁོ་མཐིལ་རྟོགས་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད། མིག་སྔའི་བར་གྲོང་ཁྱེར་ཡོངས་ཀྱི“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་སྐྱོར་བྱེད་པར”གནད་སྨིན་དབུལ་སྐྱོར་གྱི་ལས་དོན་ནང་དམངས་གཉེར་ཁེ་ལས་199ཞུགས་པ་དང་དུད་ཚང་དབུལ་པོ་1745ལ་སྐུལ་ཁྲིད་བྱས་པ། མི་འབོར་དབུལ་པོ་6980ལ་སྐུལ་ཁྲིད་བྱས་པ། ཁེ་...
Comments
Post a Comment